Hansel

43
ལོད་ལོད་དང་ོག་ོག་ དམར་རིལ་ང་ང་ ོན་པའི་ང་་ ཀོ་མ་ནང་གི་ཞ་མ་ སམ་ོ་ཊ་བོད་གང་ོབ་འི་་བ་ཡིག་ཚང་

description

 

Transcript of Hansel

Page 1: Hansel

ལོད་ལོད་དང་རྡོག་རྡོག་

དམར་རིལ་ཆུང་ཆུང་

ལྗོན་པའི་སྙིིང་བུ་

ཀོ་ལྷམ་ནང་གི་ཞིི་མིི་

སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱིི་ཁྱབ་ཡིག་ཚང་

Page 2: Hansel

Copyright © 2009

All rights reserved. No part of this publication maybe reproduced, Without the prior permission of the Department of Education, CTA, Dharamsala -176215

ISBN: 978-81-87859-56-7

Translated by: Samling Tsering LhamoProof reader & compiled by: Tenzin WangdueEdited by: Sangye Tandar NagaIllustration by: UgyenLayout & designed by: Lobsang Gonpo

Published by: Sambhota Tibetan Schools Society,Session Road, Dharamsala -176215Distt: Kangra (H.P.), INDIA

Phone: 01892-228877 / 226877Email: [email protected] / [email protected]

Page 3: Hansel

སྔོན་གླེང༌

༄༅་།ཉེ་བའིི་ལོོ་ཤས་ནང་བཙན་བྱོལ་བོད་མིིའིིི་སྤྱིི་ཚོོགས་

ཁྲོད་བོད་ཡིིག་དཔེ་དེེབ་ཇེ་མང་དུུ་འཐོན་བཞིན་པ་དེས་ བོད་ཀྱིི་

སྐད་ཡིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་

ཕྱོོགས་སུ་སྐྱོད་བཞིིན་པར་གདོན་མིི་ཟ་ འོན་ཀྱང་དེབ་རིིགས་

ཕལ་ཆེ་བ་དབུ་ཅན་ཡིག་གཟུགས་འབའ་ཞིིག་ཡིན་གཤིས་

བོད་མིིའིིི་གཞིི་རིིིམ་སློབ་གྲྭ་ཁག་གི་འཛིིན་རིིམ་དང་པོ་ནས་

གསུམ་པ་བར་གྱིི་སློོབ་ཕྲུུག་ཚོའིི་མིིག་གིི་སྤྱོོད་ཡུུལ་དུུ་གྱུུར་

མ་ཐུུབ་པར་བརྟེན་ འདི་ག་སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱིི་

ཁྱབ་ཡིག་ཚང་ནས་ལོ་ཆུང་བྱིིས་པའམ་གཞི་རིིམ་འོག་མའི་

འཛིིན་རིིམ་དང་པོ་ནས་གསུམ་པ་བར་གྱི་སློོབ་ཕྲུུག་ཚོར་ཉེེ་བར་

Page 4: Hansel

མཁོ་བའིི་དེེེབ་རིིགས་ཁག་གཅིག་དབུུ་མེད་ཡིིག་གཟུགས་

ཐོག་ཕབ་སྟེ་དཔར་སྐྲུུན་འགྲེམ་སྤེལ་ཞུས་དང་ཞུ་བཞིན་ཡོད་པ་

དང་ ལྷག་པར་དེབ་འདིི་ནིིི་མ་སུ་རི་གཏན་སློབ་བོད་དགེ་བསམ་

གླིང་ཚེ་རིིང་ལྷ་མོ་ལགས་ཀྱིས་ངལ་བ་ཚད་མེད་ཐོག་སྔ་དགོང་

དང་གུུང་སེང་གིི་དུུས་ཡུུན་སྤྱད་དེ་སྒྱུར་སྒྲིག་གནང་བ་ཞིག་ཡིིན་

ཞིིང་ དེས་བོད་ཕྲུུག་ཆུུང་ཆུུང་ཚོ་དང་བོད་ཡིིག་དཔེ་དེེབ་ཁག་གི་

དབར་ བར་ཐག་ཉེ་རུུ་བཏང་སྟེ་བོོད་ཀྱིི་རིིིག་གནས་ཤེས་ཚད་གོང་

འཕེལ་གཏོང་བའིི་མཐུུན་གྲོགས་སུུ་འགྱུུར་ཐུུབ་པའི་རེེ་སྨོོན་

བཅས་ བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུུ་བདུུན་པའི་ས་གླང་

ཕྱིི་ལོོ་ ༢༠༠༩ ལོའིི་ཟླ་ ༡༢ ཚེས་ ༡༧ བཟང་པོ་ཉིིན་ལ་

སམ་བྷོ་ཊ་བོད་སློོབ་སྤྱིི་ཁྱབ་ཡིག་ཚང་ནས་།

Page 5: Hansel

དཀར་ཆག་

༡༽ ལོད་ལོད་དང་རྡོག་རྡོག་ Hansel & Gretal .......................... ༡

༢༽ དམར་རིལ་ཆུུང་ཆུུང་ Little red riding hood .................. ༡༣

༣༽ ལྗོན་པའི་སྙིིང་བུ་ Pinocchio ........................................༢༠

༤༽ ཀོ་ལྷམ་ནང་གི་ཞིི་མིི་ Puss in Boots ..........................༣༠

Page 6: Hansel
Page 7: Hansel

༄་།གནའ་སྔ་མོ་ནགས་ཚལ་སྟུག་པོའིི་ཟུར་ཞིག་ཏུུ་ཤིང་

བཅད་ནས་མི་ཚེེ་སྐྱེེལ་མཁན་བཟའ་མིིི་

སྐྱོོ་པོོ་ཞིིག་དང་ ཁོང་གཉིས་ཀྱིི་ཕྲུུ་གུུ་ལོད་

ལོད་དང་རྡོག་རྡོག་བཅས་གནས་ཡོད་

དགོང་མོ་ཞིིག་ལ་ཁང་པའི་ནང་བཟའ་རྒྱུ་

གང་ཡང་མེད་པར་ཕྲུ་གུུ་གཉིས་ལ་བག་

1

ལོད་ལོད་དང་རྡོག་རྡོག་ Hansel & Gretal

Page 8: Hansel

ལེབ་དུམ་བུུ་རེ་སྤྲད་ནས་ཉལ་དུ་གཏོང་རྒྱུ་ལས་ཐབས་

གཞན་མེད་པར་བརྟེན་ཁོང་གཉིས་པོ་སེེམས་པ་ཤིིན་ཏུ་

སྐྱོ་པོོ་བྱུང་བ་རེད་ ཁོའིི་བཟའ་ཟླས་ང་ཚོར་ཐབས་ཤེས་

གཅིག་པོ་ཞིིག་ཡོད་པ་དེ་ནིི་ཕྲུ་གུུ་གཉིས་ནགས་ཚལ་

ཁྲོད་བཏང་ནས་སོ་སོོས་འཚོ་བ་འཚོལ་དུ་འཇུུག་རྒྱུ་དེ་རེེད་ཅེས་

བཤད་ ཁོ་པས་འདོད་མོས་མེད་བཞིན་དུ་དེ་ལྟར་བྱེད་རྒྱུ་ཁས་ལེན་

པ་དེ་ཕྲུ་གུུ་ཆུང་ བ་ལོད་ལོད་

ཀྱིིས་ཁུུ་སིམ་ མེར་ཉན་

ཏེ ་གོ ་

བ་དང་ཁོས་བག་ལེབ་ཞིིབ་ཞིིབ་རྣམས་བསགས་ཏེ་རང་གི་ཁུུག་

2

Page 9: Hansel

མའི་ནང་བཅུུག་གོོ་ ཕྱི་ཉིིན་ཞོོགས་པ་ཕྲུ་གུུ་གཉིས་འཁྲིད་

དེེ་ཤིིང་ནགས་ཁྲོད་འགྲོ་སྐབས་ལོད་ ལོ ད་ཀྱིིས་བག་ལེབ་

ཞིིབ་ཞིིབ་ལམ་དུ་གཏོར་གྱིིན་ ཡངོ༌ ཤིིང་ནགས་སྟུུག་

པོ་ཞིིག་ཏུ་སླེབས་དུུས་ཤིང་གཅོད་པས་ཁོང་གཉིས་ས་ཆ་འདིར་ཅུང་

ཟད་ངལ་གསོ་རྒྱོབས་དང༌ ངས་ཤིང་ཏོོག་ཙམ་བཅད་དེ་སླེེབས་ཡོང་

ཞེེས་བཤད་ གང་མཚམས་ནས་ཤིང་གཅོད་པའིི་སྟ་རེའིི་སྒྲ་དེེས་ཕྲུུ་

གུུ་གཉིས་པོ་གཉིིད་ དུུ་ཡུུར་བཅུག་ ཁོང་

གཉིས་

གཉིད་བསད་དུུས་ཤིང་ནགས་དེེའིིི་ནང་ཁོང་གཉིས་

3

Page 10: Hansel

གཅིག་པུ་ཟླ་འོད་འོག་ཏུུ་

གནས་ཡོད་པས་ལོད་ལོད་ཀྱིིས་

བློ་ཁོག་ཆེན་པོའིི་ངང༌ གཅུང་

མོ་ཆུང་ཆུུང་རང་སེམས་ཁྲལ་

མ་བྱེད་ ངས་རང་ནང་ལ་འཁྲིད་ཆོག་

4

Page 11: Hansel

ཅེས་བཤད་ ཡ་

ང་བའི་ལོད་ལོད་ཀྱིིས་བག་ལེབ་

ཞིིབ་ཞིིབ་བཀྲམ་ཤུལ་འཚོལ་བར་འགྲོ་

དུུས་ཤིང་ནགས་ཀྱི་བྱིིའུུ་ཚོས་སྔ་ས་ནས་ཟས་

ཚར་ཡོད་ ལོད་ལོད་ཀྱིིས་ངས་ནང་ལ་འགྲོ་སའིི་

ལམ་དྲན་གྱི་འདུུག་ཅེས་

ཤོད་བཞིིན་གཅུང་མོའིི་

ལག་པ་ནས་

འཁྲིད་དེེ་འགྲོ་ལམ་ཉུལ་

ཡང་མཐའ་མ་འགྲོ་ཡུལ་

མ་ཤེེེས་པའི་ཐོོག་གྲོད་པ་ཧ་

ཅང་ལྟོགས་ དོ་ནུབ་ཤིིང་

5

Page 12: Hansel

6

ནགས ་

ཆེན་པོ་ཞིིག་

གིི ་ འོོ ག ་ ཏུ ་

གཉིད་དུུ་ཡུར་

བ་དང་ཕྱི་ ཉིིན་

སླར ་ཡང ་ལམ་

འཚོལ་དུུ་འགྲོ་སྐབས་གློ་བུུར་དུུ་ཁོང་གཉིས་ཀྱིིས་བྱིི་རིིིལ་དང་

ཀུུ་ཤུུ་སོགས་ཁ་ཏོག་སྣ་ཚོགས་ཀྱིས་བཟོས་པའི་ཁང་པ་ཞིག་

མཐོང་བ་དང་གྲོད་ཁོག་ལྟོགས་ཐག་ཆོད་པའིི་ཕྲུ་གུུ་གཉིས་པོས་

Page 13: Hansel

ཁང་པ་དེའིི་ཕྱོོགས་སུ་རྒྱུགས་ཕྱིིན་ཏེ་རྔན་པ་རྣམས་ཁ་བརྒྱངས་

ཏེ་ཟ་ སྐབས་དེ་དུས་ཁང་པའིིི་སྒོོ་ཕྱེེ་སྟེེ་བུུད་མེད་རྒན་མོ་གཅིིག་

སླེབས་པ་དང་ མོས་འོ་ཛིི་ཤ་ཚ་བའིི་ཕྲུ་གུུ་གཉིས་ གྲོད་ཁོག་

ལྟོགས་བྱུང་ངམ་ ནང་ལ་ཤོག་དང་ངས་ཁྱེད་གཉིས་ལ་ཁ་ལག་

ཡག་པོ་སྤྲད་ཆོག་ཅེས་ བཤད་ ཁོང་གཉིས་ཁ་

ལག་བཟས་

ཚ ར ་ རྗེ ས ་

རྒན་མོས་

ཁོ ང ་

གཉིས་བསྙལ་ཏེ་ངལ་གསོ་རྒྱག་

འཇུག་ དོན་ ད ངོ ས ་ཐོག་རྒན་མོ ་ དེེ ་

ནིི ་ཕྲུུ་གུུའི ་ ཤ ་ ཟ་མཁན་གྱི་བདུུད་མོ་

ཞིི ག ་ ཡི ན ་ པ་རེེད་ ཕྱི་ཉིིན་

7

Page 14: Hansel

ལོད་ལོད་གཉིད་སད་དུས་བདུུད་མོ་དེེས་ཁོ་པ་ལྕགས་ཁྲ་ཞིག་

ནང་བཅུུག་སྟེ་བཞག་ཡོད་ དེ་ནས་བཟུང་མོས་རྡོག་རྡོག་ལ་

ཁང་པའི་ནང་གིི་ལས་ཀ་ཚང་མ་བསྐུལ་བ་དང་ལོད་ལོད་ལ་ཁ་

ལག་ཡག་པོ་སྤྲད་དེ་རྒྱགས་པ་ཆགས་ན་བསད་དེེ་བཟའ་རྒྱུ་

ཡིིན་ཞེས་ཁྲེལ་དགོད་བྱེེད་བཞིིན་ལབ་ བདུད་མོ་དེེ་མིིག་ཧ་

ཅང་སྐྱོ་པོོ་ཡོོད་ ཞོགས་པ་རྟག་པར་མོས་ལོད་ལོད་ལ་ཁྱོད་

རང་གི་མཛུུབ་མོ་མར་བཏོན་ཤོག་ཅེས་བཤད་དེ་རྒྱགས་སུུ་ཕྱིིན་

ཡོད་མེད་ལ་བརྟག་དཔྱད་བྱེད་ཀྱིི་ཡོོད་ཀྱང་ཁོས་རྟག་པར་བྱ་དེའིི་

རུས་པ་ཕྱིིར་བཏོན་གྱིི་ཡོོད་ བདུད་མོ་དེེ་ལོོད་ལོད་རྒྱག་ཏུུ་འགོྲ་

གིི་མེེད་པའིི་རྒྱུ་མཚན་མ་ཤེས་པར་མཐར་མོས་སྒུག་ཡུུན་

མི་ལྕོོགས་པར་ལོད་ལོད་བཟའ་རྒྱུར་ཐག་བཅད་པ་རེད་ མོས་

རྡོག་རྡོག་ལ་ཚ་ཐབ་ལ་མེ་ཚ་པོ་ཞིིག་རྒྱག་བཅུག་སྟེ་ཚ་

ཐབ་དམར་པོ་ཆགས་ཡོད་ཀྱང་ཁོ་མོོ་མིིག་སྐྱོ་པོོ་ཡིིན་སྟབས་

ཚ་ཐབ་ཚ་པོ་ཆགས་ཡོད་མེད་སྒུར་སྒུར་བྱས་ནས་ལྟ་དུུས་རྡོག་

8

Page 15: Hansel

རྡོག ་ཀྱིི ས ་

མྱུུར ་ དུུ ་རྒྱབ ་

ནས་འབུད་རྒྱག་བཏང་

སྟེ་ཚ་ཐབ་ནང་གཡུགས་

པ་དང་ཚ་ཐབ་

ཀྱི་སྒོོ་དེེ་བརྒྱབས་

པ་རེད་ དེ་ནས་

རྡོག་རྡོག་གིིས་དགའ་

སྤྲོའིི་ངང་ལོད་ལོད་ལྕག་

9

Page 16: Hansel

ཁྲ་ནས་གློད་པ་དང་ ལོད་ལོད་ཀྱིིས་ད་ང་གཉིས་ཁང་པའི་ནང་

བསྔོགས་བཤེར་བྱེད་དགོས་ ངའི་བསམ་ཚོད་ལ་བདུད་མོ་དེེ་ལ་

གསེར་དངུལ་སྦས་ཁུུང་ཞིག་ཡོད་པ་ཐག་ཆོད་འདུག་ཅེས་བཤད་

ཁོང་གཉིས་ཀྱིིས་ཞིིབ་ཚགས་བྱས་ནས་ཁང་པའི་ནང་སྔོག་དུུས་

ཕྲུ་གུུའི་རུུས་པ་མང་པོ་ཐོོན་པ་མ་ཟད་ཁུག་ཀྱོག་ཅིིག་ནས་

སྒམ་ཞིག་རྙེེད་པ་དང་སྒམ་དེའིི་སྒོོ་ཕྱེེ་ནས་ལྟ་དུས་དེའིི་ནང་

གསེར་དངུལ་སོགས་རིན་ཆེན་ནོར་བུའི་རིིགས་མང་པོ་

བླུགས་བཞག་ཡོད་པ་རེེད་ ཁོང་གཉིས་ཀྱིིས་གསེར་

དངུལ་གང་འཁྱོག་ཁུུག་མ་དང་པང་ཁེབས་སོགས་

ནང་འཁྱེར་ཏེ་རང་ཁྱིམ་འཚོལ་དུ་འགྲོ་བ་རེད་

ཁོང་གཉིས་ཀྱིིས་ཤིིང་ནགས་ཁྲོད་ཡུན་རིིང་

འཁྱམས་མཐར་འགྲོ་ལམ་ཞིག་རྙེད་

པ་དང་ དེའིི་ཕྱོོགས་སུུ་འགྲོ་དུུས་

ནགས་ཚལ་གྱིི ་མཐའ་དེ ར ་

10

Page 17: Hansel

སླེབས་པ་དང་དེ་ནས་ཁོང་ཚོའིི་ནང་མཐོང་བ་རེད་ ཁོང་གཉིས་ཀྱིིས་

དགའ་སྤྲོའིི་སྐད་སྒྲས་ཕ་མ་གཉིས་ཕྱིིར་འདོན་ཡོང་བ་དང་རང་གི་

ཕྲུུ་གུུ་གཉིས་པོ་སླར་ཡང་མཐོང་དུས་དགའ་སྤྲོ་བརྗོད་ཀྱིིས་མིི་

ལང་བ་སྐྱེས་ཏེ་ཕྲུུ་གུུའི་ཕྱོོགས་སུ་རྒྱུགས་ཕྱིན་ ཕ་མ་གཉིས་

པོས་ཁོང་གཉིས་ནང་དུུ་བསུུས་པ་དང་ཁོང་གཉིས་ནགས་ཁྲོད་དུུ་

གཡུུག་བཞག་དགོས་བྱུུང་བར་མིག་ཆུ་གཏོང་བཞིིན་དགོངས་

སེལ་དང་ དེའིི་རིིིང་ཕ་མ་གཉིས་པོས་ཁོང་གཉིས་ག་ཚོད་དྲན་ཏེ་

བསྡད་པ་རྣམས་བཤད་ ཕ་མ་གཉིས་ཀྱིིས་ཕྲུུ་གུུ་གཉིས་པང་དུ་

ལེན་ཏེ་འཐམ་དུུས་ཁོང་གཉིས་ཀྱིི་ཁུུག་མ་དང་པང་ཁེབས་ནས་

གསེར་དངུལ་དང་རིིན་ཆེན་རྣམས་ཕྱིར་ཐོན་བྱུང་བས་ཡ་མཚན་

ཆེན་པོ་སྐྱེེས་ ཕྲུུ་གུུ་གཉིས་པོས་ཁོང་གཉིས་ལ་འཕྲད་པའི་

གནས་ཚུུལ་རྣམས་འགྲེལ་བཤད་བྱེད་དུུས་ཕ་མ་གཉིས་པོ་

དགའ་སྐྱོ་གཉིིས་ལྡན་བྱུང་བ་མ་ཟད་ད་ནི་ཁོོང་ཚོ་སླར་ཡང་

འཚོ་བ་སྐྱོ་པོོ་བསྐྱལ་དགོས་བྱེད་པ་མི་འདུག་སྙམ་ ད་ནི་ཁོོང་

11

Page 18: Hansel

ཚོའིི་དཀའ་ངལ་མཇུག་བསྒྲིལ་ཏེ་གྲོོད་ཁོག་ལྟོགས་པར་སྡོད་

དགོས་མ་བྱུང་བར་ཚང་མ་དགའ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་

རྒྱུ་བྱུང་བ་རེད་།

12

Page 19: Hansel

13

༄་།གནའ་སྔ་མོ་བུ་མོ་ཆུང་ཆུང་ཞིིག་ཡོད་པ་དང་ མོའིི་

མིིང་ལ་དམར་རིལ་ཆུང་ཆུང་ཞེས་

འབོད་ཀྱིི་ཡོོད་ རྒྱུ་མཚན་ནིི་མོོས་

ག་དུས་ཡིན་ནའང་ཞྭ་མོ་དམར་པོ་

དེེ་དང་སྟོད་ཁེེབས་དམར་པོ་མ་གྱོན་

པར་ཕྱི་ལ་འགྲོ་གིི་མེེད་ ཉིིིན་ཞིིག་

དམར་རིལ་ཆུུང་ཆུུང་གི་ཨ་མས་སྒོ་

ང་བག་ལེབ་སོབ་སོབ་ཅིིག་བཟོས་ཏེ་ དམར་རིལ་ཆུུང་ཆུུང་རང་

གིིས་བག་ལེབ་མངར་མོ་དེེ་རྨོོ་ལགས་སར་སྐྱེལ་བར་རྒྱུགས་

དམར་རིལ་ཆུུང་ཆུུང་ Little red riding hood

Page 20: Hansel

དང༌ རྨོ་ལགས་བདེ་པོོ་རང་མེད་པ་འདྲ་ རང་གིས་ཁོང་ལ་སེམས་

གསོ་བྱེེད་རོོགས་ ད་དུུང་སེམས་

ལ་བཞག་དགོས་པ་གཅིག་

ནིི་རང་གིས་ལམ་ཆེན་བརྒྱུད་

ནས་འགྲོ་བ་མ་གཏོགས་ཤིང་

ནགས་དཀྱིལ་གྱིི་ལམ་

ཆུུང་བརྒྱུད་དེ་མ་འགྲོ་ཨ་ཞེས་བཤད་ དམར་རིིིལ་ཆུུང་ཆུུང་གིིས་

རང་གི་རྨོོ་ལགས་སར་བསྐྱོད་པ་དང་ལམ་ལ་འགྲོ་དུུས་ཤིང་ནགས་

14

Page 21: Hansel

ཁྲོད་ཕྱེ་མ་ལེབ་མང་པོ་ཕར་འཕུུར་ཚུུར་འཕུུར་བྱས་ནས་མོའིི་

ཡིིད་དབང་རྦད་དེ་འཕྲོག་པ་རེད་ མོས་ཨ་མའི་བསླབ་བྱ་བརྗེད་

དེེ་ཤིིིང་ནགས་དཀྱིིལ་གྱིི་ལམ་ཆུང་བརྒྱུད་ནས་ཕྱེ་མ་ལེབ་དེེད་

ཀྱིིན་དེེད་ཀྱིིན་འགྲོ་དུས་སྤྱང་ཀི་ཞིིག་ཐུག་པ་རེད་ སྤྱང་ཀིི་ཁོོས་

དམར་རིལ་ཆུང་ཆུུང་གི་ཉེེ་སར་སློབས་ཏེ་ བུུ་མོ་ཆུུང་ཆུུང༌ སློ་

མའིི་ནང་ག་རེ་བླུགས་ཡོད་ཅེེས་དྲིིས་ དམར་རིལ་གྱིིས་དེེ་ངའིི་

རྨོོ་ལགས་ལ་འབུུལ་རྒྱུའི་བག་ལེབ་རེད་ཅེས་བཤད་ སྐབས་

དེར་སྤྱང་ཀིས་བསམ་བློ་ཞིིག་བཏང་ནས༌ རང་གི་མིིང་ལ་ག་རེ་

ཟེར་གྱིི་ཡོོད་ རང་གི་རྨོོ་ལགས་

ག་པར་བཞུགས་ཀྱི་ཡོོད་ཅེེས་དྲིིས་

ངའི་མིིང་ལ་དམར་རིལ་ཆུུང་ཆུུང་

ཟེར་ ངའི་རྨོོ་ལགས་ཟམ་པའི་འཁྲིིས་

ཀྱིི་ཁང་པ་དེའིི་ནང་སྡོད་ཀྱིི་ཡོོད་

ཅེས་བཤད་ དམར་རིལ་ཆུུང་ཆུུང་

15

Page 22: Hansel

གིིས་ཤིིང་ནགས་ཁྲོད་མེ་ཏོོག་སྙིིང་རྗེེ་མོོ་མང་པོ་ཞིིག་མཐོང་བ་

དང་འགྲོ་མཚམས་བཞག་ནས་རྨོ་ལགས་ལ་མེ་ཏོོག་ཆུུན་པོ་

ཞིིག་བཀོག་གིིན་བསྡད་པས་ སྤྱང་ཀིས་མྱུུར་དུུ་ལམ་ཐག་ཉེ་

ཤོོས་དེ་བརྒྱུད་ནས་རྨོ་ལགས་ཀྱིི་ཁྱིིམ་དུུ་སོང༌ ཁོས་ཟས་ཞིམ་པོ་

ཞིིག་གིི་ བསམ་བློ་གཏོང་གིིན་

སྒོ་བརྡུང༌ རྨོ་ལགས་

ཀྱིིས་ སུུ་ ཡིིན་ནམ་

ཞེ ས ་ དྲིིས་ ཁོས་

སྐད་ཆུུང་ ཆུུང་དང་ཙིིར་

སྐད་ཅིིག་ བརྒྱབས་ནས་

དམར་རིིལ་ཆུུང་ཆུུང་ཡིིན་ ང་ཁྱེད་རང་ལ་བག་ལེབ་སྐྱེལ་བར་

ཡོང་བ་ཡིིན་ ཞེས་བཤད་ རྨོ་ལགས་བདེ་པོོ་མེེད་པར་ཉལ་

ཁྲིའིི་སྟེེང་ཉལ་ཡོད་པས་ ཨ་ཤིང་དེེ་ཕར་འབུད་རྒྱག་བརྒྱབས་

ནས་ནང་ལ་ཤོག་ ངའི་བུ་མོ་ཡག་པོ་ ཞེེས་བཤད་ སྤྱང་ཀི་དེེ་

16

Page 23: Hansel

ཡར་འཛུལ་ཡོང་དུུས་རྨོ་ལགས་ཞེད་ཐག་ཆོད་ནས་ཉལ་ཁྲི་

ནས་མཆོངས་ཏེ་ཆ་སྒམ་ནང་འཛུལ་ སྤྱང་ཀིས་དེེ་མ་ཉིད་དུ་ཆ་

སྒམ་གྱི་སྒོོ་ལྕགས་བརྒྱབས་ ཁོས་མགྱོགས་པོ་ཉལ་སའི་ནང་

འཛུལ་ཏེ་རྨོོ་ལགས་ཀྱིི་ཞྭ་མོ་དེེ་གྱོོན་ནས་དམར་རིལ་ཆུུང་ཆུུང་

བསྒུུགས་ནས་བསྡད་ ཡུུན་རིིང་མ་སོང་བར་སྒོ་རྡུང༌སྐབས་ ཁོས་

རྨོ་ལགས་ཀྱི་སྐད་ལ་ལད་ཟློས་གང་ཐུུབ་བྱས་ཏེ་ སུུ་ཡིན་ནམ་

ཞེས་དྲིིས་ ང་དམར་རིིལ་ ཆུུང་ཆུུང་ཡིན་ ཨ་མ་

ལགས་ཀྱིས་བག་ལེབ་དང་ མེ་ཏོོག་སྐྱེེལ་དུུ་

བཏང་གནང་བྱུང་ཞེས་བཤད་ ཁོས་ངའིི་བུ་མོ་ཡག་པོ་ཡར་ཤོོག་

17

Page 24: Hansel

ཅེས་བཤད་ བུུ་མོའིི་སེེམས་ལ་དེ་རིིང་རྨོ་ལགས་ཀྱི་སྐད་སྒྲ་དེ་ཡ་

མཚན་ཅན་ཞིིག་འདུག་སྙམ་ཡང་སྒོ་ཕྱེ་སྟེ་ནང་ལ་འཛུལ་ རྨོ་

ལགས་ཁྱེད་རང་དེ་རིིང་དེེ་འདྲའིི་ཡ་མཚན་ཆེ་བ་ལ་ མིག་ཆེན་

པོ་དེེ་འདྲ་གང་འདྲ་ཡིིན་ནམ་ཞེས་དྲིིས་ སྤྱང་ཀིས་རང་ལ་ཡག་པོ་

ཞིིག་ལྟ་བའི་ཆེེད་དུ་ཡིན་ཞེས་བཤད་ ཡང་བུ་མོས་ཁྱེེད་རང་གིི་

སོོ་ཆེེན་པོ་དེེ་འདྲ་ཞེས་ཤོད་སྐབས་སྤྱང་ཀིས༌ ཁྱོད་རང་བཟའ་རྒྱུའི་

ཆེེད་དུ་ཡིན་ཞེས་ཤོད་བཞིིན་དམར་རིལ་ཆུུང་ཆུུང་ཟ་བར་ཡོང༌

དམར་རིལ་ཆུུང་ཆུུང་གིིས་མགྱོགས་པོ་མིི་ཤོོག་དང༌ རོགས་པ་

བྱེད་པར་མགྱོགས་པོ་ཤོོག་

དང༌ ཞེས་སྐད་རྒྱག་དུུས་ཤིིང་

གཅོད་མཁན་ཞིིག་གིིས་གོ་

སྟེེ་སྟ་རེ་འཁྱེར་ནས་ཤོར་ཡོང་

བས་སྤྱང་ཀི་དེེ་སྒེེ་ཁུང་ནང་ནས་

མཆོངས་ འོན་ཀྱང་ཁོ་ཁྲོོན་

18

Page 25: Hansel

པ་གཏིིང་རིིང་པོ་ཞིིིག་ནང་ཟགས་ཏེ་ནམ་ཡང་ལངས་རྒྱུ་མེད་

པར་གྱུར་ རྨོ་ལགས་ཀྱིས་ཆ་སྒམ་གྲག་གྲག་བཏང་བས་ཤིིང་

གཅོད་པས་སྒོ་ཕྱེེ་བ་དང་ རྨོ་ལགས་མར་འདོན་ཡོང་སྟེེ་དམར་

རིིལ་ཆུང་ཆུང་ལ་འཐམས་ དམར་རིལ་ཆུུང་ཆུུང་གིས་ང་ཞེ་པོོ་

ཞིིག་ཞེད་བྱུང༌ཞེས་ བཤད་ རྨོ་

ལགས་ཀྱིིས་ང་ཡང་ ཞེ ་པོོ ་ཞེེ ད ་

བྱུ ང ་ ཞེ ས ་ བ ཤ ད ་

ཁོ ང ་གཉིི ས ་

ཀྱིིས་ཤིིང་གཅོད་ པར་ཐུགས་

རྗེ ་ཆེེ ་ཞུས་པ་ དང་ ཁོང་

ཚོོ་གསུུམ་པོས་ཇ་དང་བག་ལེབ་མཉམ་དུ་བཟས་ དེ་རྗེེས་རྨོ་

ལགས་ཉལ་སར་བསྐྱོད་པ་དང་ཤིང་གཅོད་པས་དམར་རིལ་ཆུུང་

ཆུུང་དཔུུང་པར་བརྒྱབས་ཏེ་ནང་ལ་བསྐྱལ་ མོའིི་ཕ་མ་གཉིས་

པོས་གནས་ཚུུལ་དེ་དག་གོ་དུུས་ཧང་སང་པར་གྱུར་ཏོ་།

19

Page 26: Hansel

༄་།གནའ་སྔ་མོ་ཤིི ང་རྐོོ་བ་རྒད་པོ་

ཞིིག་ཡོད་ ཁོ་པ་མི་ཧྲེེང་ཞིིག་ཡིན་པ་དང་རྟག་

པར་རང་ཉིད་ལ་བུ་ཞིག་བྱུང་ན་སྙམ་གྱི་ཡོོད་པས་

ཉིན་ཞིིག་ཁོ་པས་ཤིང་གིི་བུུ་ཞིིག་བརྐོས་བརྒྱབས་ནས་བཟོས་

མཁའ་འགྲོ་མ་ཞིག་གིིས་གནས་ཚུལ་དེ་ཤེེས་ནས་ཤིང་བུུ་དེར་

བླ་སྲོག་སྦྱིིན་པས་ཤིང་བརྐོས་ཀྱིི་བུ་དེ་མིི་སྐད་ཤེས་པའི་ཤིིང་མིི་

ཞིིིག་ཏུུ་གྱུུར་པ་རེད་ ཤིང་རྐོོ་བ་རྒད་པོ་ནིི་དགའ་ཐག་ཆོད་ནས་

ཤི ང ་བུ་ དེའིི ་མིི ང ་ ལ་ལྗོན་པའི་སྙིིང་

བུུ་ཞེས་བཏགས་པ་

རེད་ ཡིན་ནའང་

ལྗོན ་པའི ་

སྙིིང་བུ་དེ་ཧ་

ཅང་འཚུུབ་

ལྗོན་པའི་སྙྀང་བུ་ Pinocchio

20

Page 27: Hansel

དྲགས་པས་གང་བསམ་འདི་དྲན་བྱེད་པ་དང་ ཁང་

པའི་ནང་གང་སར་གནོད་སྐྱེེལ་ནས་ཤིིང་རྐོོ་བ་རྒད་

པོར་རོྙག་དྲ་མང་པོ་བཟོ་གིི་ཡོོད་

ཉིིན་ཞིིག་རྒད་པོ་ཕྱིི་ནས་ལོག་

ཡོང་དུུས་ཤིང་བུུ་ཆུུང་ཆུུང་མེའིི་ཐབ་འཁྲིས་སུུ་

གཉིད་ལ་ཤོར་ནས་རྐང་པ་ཡ་གཅིག་མེས་

འཚིག་ཡོད་པ་རེད་ ཤིིང་རྐོོ་བ་རྒད་པོས་ཁོ་ལ་སླར་ཡང་རྐང་

པ་གསར་པ་ཞིག་བཟོས་པ་དང་ བུུ་ལྗོན་པའི་སྙིིང་བུུ་སློབ་

གྲྭར་འགྲོ་དགོས་པའི་བསླབ་བྱ་གནང་བ་དང་ ཁོ་རང་སྐྱོ་

པོོ་ཞིིག་ཡིིན་པས་རང་གི་སྟོོད་གོས་བཙོངས་ཏེེ་སློོབ་དེེབ་དང་གྱོན་

གོས་ཁ་ཤས་ཤིག་ཉོས་པ་རེད་ ལྗོན་པའི་སྙིིང་བུུ་སེམས་འགུལ་

ཆེན་པོ་ཐེེབས་ཏེ་ད་ནས་བཟུང་སློབ་གྲྭའི་ནང་དུུ་ཕྲུུ་གུུ་ཡག་པོ་

ཞིིག་བྱེད་རྒྱུའི་ཁས་ལེན་བྱས་ འོན་ཀྱང་ལམ་ལ་

འགྲོ་དུུས་རོལ་དབྱངས་ཀྱི་སྒྲ་ཆེན་པོ་ཞིིག་ཐོས་

21

Page 28: Hansel

པས་ཁོས་བསམ་བློ་གཏོང་ཁོམ་མ་བྱུང་བར་དེ་གར་རྒྱུགས་ཕྱིན་

དེ་ནིི་ཤིིིང་གིིས་བཟོས་པའི་ཨ་ལད་པད་ཀོ་ལ་རྒྱུད་སྐུད་ཀྱི་རམ་

འདེགས་ལ་བརྟེན་ནས་བཟོས་པའི་འཁྲབ་སྟོན་ཚོགས་པ་ཞིག་

རེད་འདུག་ ཁོས་ཤིིང་རྐོོ་བ་རྒད་པོས་ཉོས་པའི་སློོབ་དེེབ་དེེ་བཙོངས་

ཏེ ་ འ ཛིི ན ་

ཤོ ག ་ ཉོ ས ་

ནས་ལྟད་མོ་ལྟ་བར་འགྲོ་སྐབས་རང་དང་འདྲ་བའི་ཤིིང་མིི་མང་པོ་

འཁྲབ་སྟོན་བྱེད་པ་མཐོང་དུས་ཚམ་ཚོམ་མེད་པར་སྡིངས་ཆའི་

22

Page 29: Hansel

སྟེེང་ཐོན་ནས་གང་འདོད་འཁྲབ་པས་ལྟད་མོ་བ་ཚོ་རྒོོད་བྲོོ་པོོ་བྱུང་

ནས་ཐལ་མོ་ཡང་ཡང་བརྡབས་ ཕྱིི་དྲོོོ་འཁྲབ་སྟོན་པ་ཚོ་ལོོག་

འགྲོ་རྩིིས་བྱེད་སྐབས་ལྗོན་པའི་སྙིིང་བུུ་ཡང་ཨ་ལད་པད་ཀོ་དང་

མཉམ་དུ་ཕད་ཀོག་ནང་བླུགས་རྩིས་བྱས་དུུས་ ཁོས་མིིག་

ཆུ་གཏོང་བཞིིན་ད་ངས་དཔེ་བསགས་པ་རེད་ ངའི་པ་ལགས་ཀྱིས་

ང་སློབ་གྲྭར་གཏོང་རྒྱུའིི་ཆེེད་ཁོ་རང་གི་སྟོོད་གོས་ཀྱང་གཙོངས་པ་

རེད་ཅེས་ངུས་པས་ འགོ་འཛིིན་དེེས་ཁོ་ལ་སྙིང་རྗེེ་སྐྱེེས་ཏེ་གསེར་

གྱིི་དོོོང་ཙེ་ཁ་ཤས་སྤྲད་ནས་དོང་ཙེ་དེེ་དག་རང་གི་པ་ལགས་ལ་

སྤྲོད་ རྗེས་སུ་སློབ་གྲྭར་ཡག་པོ་བྱས་ནས་རྒྱུགས་ཨང༌ཞེས་

བཤད་དེ་ཐོོན་ ཁོ་ནང་ལ་ལོག་འགྲོ་དུུས་ཝ་མོ་གཡོ་སྒྱུ་ཅན་

དང་ཞི་མིི་སེེམས་ངན་ཅན་གཉིས་ཐུག་ ཁོང་གཉིས་ཀྱིིས་ལྗོན་

པའི་སྙིིང་བུུར་གསེར་གྱིི་དོོོང་ཙེེ་ཐོོབ་པ་ཤེས་ཏེ་ལམ་དེར་བསྒུག་

བསྡད་ཡོད་ ཁོང་གཉིས་ཀྱིིས་ང་གཉིས་ཀྱིིས་རང་ལ་གསེར་ཡོད་

པ་ཤེས་ཀྱིི་ཡོོད་ ཡིན་ནའང་ང་གཉིས་ལ་གསེར་ཁང་པ་གང་

23

Page 30: Hansel

ཡོད་ རང་ལ་དོང་ཙེེ་ཁ་ཤས་ཤིག་རེད་ ཧ་ལས་རྒྱུ་གང་ཡོད་

ཅེས་བཤད་ ལྗོན་པའི་སྙིིང་བུས་ཁྱོད་གཉིས་ལ་གསེར་ཁང་པ་

གང་ག་ནས་བྱུང་ཞེས་དྲིིས་ གཡོ་ཅན་གཉིས་པོས་ད་ནི་གོ་

སྐབས་རག་སོང་བསམས་ནས༌ ང་གཉིས་ལ་རྫུ་འཕྲུུལ་གྱི་

ཞིིང་ཁ་ཞིག་ཡོད་ དེ་ལ་གསེར་གྱིི་དོོོང་ཙེ་བཏབ་ན་གསེར་གྱིི་

སྡོོང་པོོ་ཆེེན་པོ་རེེ་སྐྱེེ་གིི་རེེེད་ དེ་

24

Page 31: Hansel

རྗེེས་རང་ལ་གསེར་ཁང་པ་གང་རག་གི་རེེད་ཅེེས་བཤད་ ལྗོན་པའི་

སྙིིང་བུུས་གསེར་གྱིི་དོོོང་ཙེ་རྣམས་བཏོན་ཏེ་ཁོོང་གཉིས་མཉམ་

དུ་རྫུུ་འཕྲུུལ་ཞིང་ཁར་བསྐྱོད་ དེར་ས་དོང་བྲུུས་ཏེ་གསེར་རྣམས་ས་

འོག་ཏུུ་བཅུུག་ནས་བཞག་ དེ་རྗེེས་ཁོང་གཉིས་ཀྱིིས་ལྗོན་པའི་

སྙིིང་བུུ་ཤིིང་ཁང་ཞིག་ནང་འཁྲིད་པ་དང་དེའིི་དགོང་མོ་གསེར་གྱིི་སྡོོང་

པོ་ཆེེ་ཆེེ་དང་ཡག་ཡག་སྐོར་བཤད་ནས་ཕྱི་པོ་བར་བསྡད་པ་དང་

དེ་ནས་གཉིད་དུུ་ཡུུར་ ཕྱི་ཉིིན་ལྗོན་པའི་སྙིིང་བུུ་གཉིད་ལས་སད་

དུུས་ཝ་མོ་དང་ཞིི་མིི་མཐོང་རྒྱུ་མེད་ ཁོའིི་སེེམས་ལ་ཁོང་གཉིས་

ཀྱིིས་ངའིི་གསེར་གྱིི་སྡོོང་པོ་ནས་གསེར་འཐོག་གིི་མེེད་དམ་སྙམ་

ཞིང་མགྱོགས་མྱུར་ལྟ་བར་འགྲོ་དུུས་མདང་ནུབ་བཏབ་པའི་གསེར་

རྣམས་ས་བྲུུས་ཏེ་འཁྱེར་ཚར་འདུུག་ ད་ནི་གཡོ་ཅན་གཉིས་

པོའིི་མགོ་བསྐོར་འོག་ཚུད་པ་ཤེས་ནས་འགྱོད་པ་ཆེན་པོས་ངུས་

ནས་བསྡད་ སྐབས་དེར་ལྷ་མོ་ཞིིག་ཡོད་པ་དེེས་འབུུ་ཨ་ཙག་

ཚག་པ་ཞིག་ལ་སྤྲུལ་ནས༌ ལོྗན་པའི་སྙིིང་བུ་རང་ག་རེ་བྱས་སོང་

25

Page 32: Hansel

ཞེེས་དྲིིས་ ལྗོན་པའི་སྙིིང་བུས་ཡིད་སྐྱོ་བོོའིི་ཐོོག་

ནས་ཁོོས་ངའིི་ཕ་ཡིས་ཉོས་པའི་སློོབ་དེབ་དང་

གསེར་གྱིི་དོོོང་ཙེ་ཚང་མ་

བརླགས་སོང་ཞེེས་ངུུས་

གློ་བུུར་དུུ་ཁོའིི་སྣ་

བུག་དེ་རིིང་པོོ་

ཆགས་ ལྷ་མོ་དེེས་

རྒད་མོ་རྒོོད་བཞིིན་ རང་གིིས་སྐྱག་རྫུན་

བཤད་ན་རང་གི་སྣ་ བུུག་དེ་རིི ང་པོོ་སྐྱེེས་

ཡོང་གིི་རེེད་ ཅེས་བཤད་དེ་རང་གཟུུགས་ དེ་བསྟན་ ཁོས་དགོངས་

སེལ་ཞུས་པས་སྣ་ཁུུག་དེ་རང་འཇགས་སུུ་གྱུུར་ དེ་རྗེེས་ལྷ་མོས་

ཁོའིི་གསེར་གྱིི་དོོོང་ཙེ་རང་འཇགས་གནང་སྟེ་ནང་

དུ་ལོག་ནས་ཤིིང་རྐོོ་བ་རྒད་པོའིི་ཁ་ལ་

ཉན་ནས་སློབ་གྲྭར་ཡག་པོ་བྱས་

26

Page 33: Hansel

ནས་འགྲོ ་ དགོས་ པའི་བསླབ་བྱ་གནང་བས་ཁོ་དགའ་

སྤྲོའིི་ངང་ནང་ གི ་ཕྱོོ གས ་ སུ ་ སོ ང ༌

ལམ་བར་དུུ་ ཤིིང་རྟ་འཁོར་ལོ་ཞིིག་

གིི་ནང་ཕྲུུ་

གུུ་མང་པོ་འཚང་

ཁ་བརྒྱབས་ནས་

འགྲོ་གིི་ཡོོད་པ་མཐོོང་ནས་སླར་ཡང་བསམ་བློ་གཏོོང་ཁོམ་མེད་

པར་འཁོར་

ལོའིི་སྟེེང་འཛེགས་ ཕྲུུ་གུུ་ཚོས་ཁོ་

ལ༌ང་ཚོ་ཨ་ལད་པད་ཀོ་ལུུང་པར་འགྲོ་མཁན་ཡིན་ ཕ་གིར་

ལས་ཀ་དང་སློབ་གྲྭ་ཟེར་བ་མེད་པར་ཚང་མ་རྩེད་མོ་རྩེེ་ནས་

སྡོད་ཀྱིི་རེེེད་ཅེས་བཤད་ འོན་ཀྱང་དེ་ནིི་མིིག་འཕྲུུལ་རྩེད་མཁན་

ཚོགས་པ་ཞིག་ཡིིན་པས་ཁོ་ལ་འགོ་འཁོར་བཏང་ནས་འཁྲིད་

པ་ཞིག་རེད་ ཕྲུུ་གུུ་ཚོར་མིིག་འཕྲུལ་དང་རྩེད་རིིགས་འདྲ་མིིན་

27

Page 34: Hansel

རྩེ་འཇུག་པ་དང་ཁ་ལ་མ་ཉན་ན་ཉེས་རྡུང་གཏོང་གིི་ཡོད་

ལྗོན་པའི་སྙིིང་བུུ་ནི་ཐོོག་མ་ནས་འཚུབ་ཐེར་བ་ཞིག་ཡིན་པས་

ཁོས་སྤྱོད་ངན་བྱས་ཙང་འགོ་འཛིིན་དེེས་ཁོ་གཙང་པོ་ཆེན་པོ་

ཞིིག་ནང་གཡུགས་ ཁོ་པ་ཆུའི་ཁ་ལ་ཕར་འཁྱེར་ཚུར་འཁྱེར་

བྱེད་སྐབས་ཉ་ཆེན་ཞིིག་གིིས་མིིད་འཁྱུར་བཏང༌ ཁོ་ཉ་ཆེན་དེའིི་

ཁོོག་པའི་ནང་ཕར་འཁྱམ་ཚུར་འཁྱམ་བྱེད་དུུས་སླར་ཡང་ཁོ་ལ་

རོགས་པ་ཞིག་སླེབས་པ་ནི་ཤིིང་རྐོོ་བ་རྒད་པོ་རེེད་ ཁོང་གཉིིས་

ཕན་ཚུན་ངོ་ཤེེས་ནས་འཐམ་རེས་བྱས་ རྒད་པོས་ངས་བུ་རང་

ཁོང་ཚོས་འཁྲིད་པ་ཤེས་ནས་སེམས་ཁྲལ་ཆེན་པོས་འཚོལ་

དུུ་ཡོང་བ་ཡིན་ ཕ་གིིར་སླེེབས་དུུས་རང་

གཙང་པོའིི་ནང་གཡུུགས་ཚར་བ་རེད་

ཟེར་གྱིི་འདུུག་ བྱས་ཙང་ངས་ཆུུ་ལ་

མཆོངས་པ་ཡིན་ཞེས་བཤད་ ལྗོན་པའི་

སྙིིང་བུས་པ་ལགས་ད་ང་གཉིས་དེེ་ནས་

28

Page 35: Hansel

ཐར་ཐབས་བྱེེད་དགོས་ཞེས་བཤད་པ་དང་ ཁོས་ཉ་དེའིི་ཁོོག་པའི་

ནང་ཟ་ཕྲུུག་མང་པོ་བསླངས་པས་ཉ་དེ་ཧབ་བྲིད་ཤུུགས་ཆེ་ཤོོར་

བས་ཁོང་གཉིིས་གཙང་པོའིི་ཁ་ལ་

གཡུགས་པ་རེད་ སྐབས་དེར་ལྷ་མོ་

དེེར་སླེེབས་ནས་ ད་རེས་རང་གིས་བློ་

རིིག་ལ་བརྟེན་ནས་ཁྱོད་གཉིས་ཐར་བ་རེད་ ངས་རང་ལ་

བྱ་དགའ་ཞིག་སྤྲོད་ཀྱིི་ཡིིན་ཞེས་སྔགས་བགྲངས་

ཐེངས་གཅིག་ལ་ལྗོན་པའི་སྙིིང་བུའིི་གཟུགས་དེ་མིིའིིི་གཟུགས་

པོ་ཆ་ཚང་ཞིིག་ཏུ་གྱུུར་པ་རེད་ དེ་ནས་བཟུང་ཁོས་འཚུབ་ཐེར་

བ་མ་ བྱས་པར་སློབ་གྲྭར་ཡག་པོ་ཕྱིིན་པ་

དང་ཁ་ལ་ཉན་པོ་བྱས་ནས་ཕ་བུ་

གཉིས་པོ་འཚོ་བ་སྐྱིིད་

པོོ་བསྐྱལ་རྒྱུ་

བྱུུང་བ་རེད་།

29

Page 36: Hansel

30

༄་།གནའ་སྔ་མོ་ཆུ་འཁོར་འཐག་མཁན་སྐྱོ་པོོ་ཞིིག་ལ་བུ་

གསུམ་ཡོད་པ་དང་ ཁོ་རང་གྲོངས་དུུས་ཆུ་འཁོར་དང་བོང་བུ་ཕུད་

པའི་ཞིི་མིི་ཞིིག་མ་གཏོགས་གཞན་གང་ཡང་མེད་པ་རེད་ བུུ་

རྒན་ཤོས་ཀྱིིས་ཆུ་འཁོར་དེེར་བདག་པོ་བརྒྱབས་པ་དང་ བུུ་འབྲིང་

བས་བོང་བུ་དེ་འཁྲིིད་ཕྱིིན་ བུུ་ཐ་ཆུང་དེར་ཞིི་མིི་དེེེ་མ་གཏོགས་

གཞན་གང་ཡང་མ་ཐོབ་ བུ་དེས་ངའིི་གཅེན་པོ་ཁོོང་ཚོར་ཆུ་

འཁོར་དང་བོང་བུ་ཡོད་ ཙང་འཚོ་བ་འཁྱོལ་བདེ་པོོ་

ཡོང༌ ཡིན་ ནའང་ངའིི་འཚོ་བ་དེ ་གང་

འདྲ་བྱས་ནས་བསྐྱལ་དགོས་

ཡིིན་ནམ་ཞེས་ཆིིག་ལབ་

བརྒྱབས་ ཞི་མིི་དེེེས་ལམ་

སེང་མིི་སྐད་བརྒྱབས་ཏེ་སྦྱིིན་

བདག་ལགས་ ཐུུགས་སེམས་སྐྱོ་པོོ་གནང་དགོས་མ་

རེད་ དེ་ལས་ང་ལ་རྩྭ་རས་ཕད་ཀོག་ཅིིག་དང་ཀོ་

ཀོ་ལྷམ་ནང་གི་ཞིི་མིི་ Puss in Boots

Page 37: Hansel

ལྷམ་ཆ་གཅིག་སྤྲོད་དང་ དེ་རྗེེས་རང་ལ་ཁེ་ཕན་

མགྱོགས་པོ་ཡོང་གིི་རེེེད་ཅེས་བཤད་ བུུ་ཐ་ཆུུང་གིས་

ཞིི་མིིའིིི་སྐད་ཆ་རྣམས་གོ་དུས་ཧང་སང་པར་གྱུར་ ཁོའིི་

སེེེམས་ལ་ཞི་མིི་སྐད་ཆ་ཤོད་མཁན་དེ་དངོོས་འབྲེལ་སྤྱིིིར་

བཏང་ཞིག་གཏན་ནས་མ་རེད་སྙམ་ ཁོས་ཀོ་ལྷམ་གཅིག་

ཉོོས་ཏེེ་ཞིིི་མིི་ལ་སྤྲད༌ འོ་ཡ་ ཀོ་ལྷམ་ནང་གིི་ཞིི་མིི་ ད་རང་

ག་རེ་བྱེེད་རྩིིས་ཡོད་དམ་ཞེས་དྲིིས་ ཞིི་མིིས་ཁྱེད་རང་གཟིགས་

ཤིིག་ཅེས་ཤོད་བཞིིན་ཀོ་ལྷམ་དེ་གྱོོན་ རྩྭ་རས་ཕད་ཀོག་དེ་

དཔུང་པར་བརྒྱབས་ནས་ཤིང་ནགས་དཀྱིིལ་ལ་ཐོན་ ཁོས་རྩྭ་

རས་ཀྱི་ཁ་དེར་རྩྭ་ལྗང་ཁུུ་ཞིག་བཞག་སྟེ་རྙིི་བཟོས་ནས་བཞག་

ཡུུན་རིིང་མ་སོང་གོང་རིི་བོོང་ཐོམ་རྐྱལ་ཞིག་རྙིི་དེེེར་ཚུུད་པ་དང་

ཀོ་ལྷམ་ནང་གིི་ཞིིི་མིིིས་རིི་བོོང་དེེ་འཁྱེར་ནས་ཡུུལ་དེའིི་རྒྱལ་

པོ་མཇལ་བར་བསྐྱོད་ ཁོས་ཐབས་ཤེས་གང་དྲག་བྱས་ཏེ་

རྒྱལ་པོའིི་སར་ཕྱིིན་ རྒྱལ་པོ་རིིན་

31

Page 38: Hansel

པོ་ཆེེ་ ངའི་སྦྱིིན་བདག་ལུུང་བཟང་གཡུུ་རིིིལ་གྱིིས་བསྐུུར་བའི་

ཕྱག་རྟགས་ཤིག་ཕུུལ་དུུ་ཡོང་བ་ཡིན་ཞེས་ཁོའིི་སྦྱིིིན་བདག་ལ་

མིང་གསར་པ་ཞིིག་བཏགས་ རྒྱལ་པོ་དེེ་རིི་བོོང་གཅེས་ཉར་བྱེད་

རྒྱུར་ཤིན་ཏུུ་དགའ་བས་ལག་རྟགས་དེ་མཁོོ་ཆོོད་པོ་ཞིིག་བྱུང་བ་

རེད་ དེ་ནས་བཟུང་ཉིན་ལྟར་ཞི་མིི་དེེེས་སྦྱིིན་བདག་ལུང་བཟང་

གཡུ་རིལ་གྱིི་མིིང་ཐོོག་ནས་རྒྱལ་པོར་ཕྱག་རྟགས་འདྲ་མིན་

འབུལ་ཡོང༌ ཉིིན་ཞིིག་ཞིི་མིི་དེེེས་རྒྱལ་པོ་དང་ཁོང་གིི་མཛེས་

སྡུག་ལྡན་པའི་སྲས་མོ་གཙང་འགྲམ་དུུ་སྤྲོ་འཆམ་ལ་ཕེབས་

མཁན་ཡིན་པ་ཤེས་ནས་རང་གི་སྦྱིིན་

བདག་སར་ཕྱིན་ཏེ་ ཁྱེད་ཀྱིིས་ངས་གང་

བཤད་པ་རྣམས་བྱེད་དགོས་ དེ་ལྟར་

བྱས་ན་རང་ལམ་སེང་ཕྱུག་པོ་ཆགས་

པ་ཡོད་ཅེས་དང་ མགྱོགས་པོ་གཙང་

ཆུུའི་ནང་གཟུགས་པོ་འཁྲུ་བར་སོང་

32

Page 39: Hansel

ཞེས་བཤད་ སྦྱིན་བདག་གིས་མོས་མཐུུན་བྱས་ཏེ་ཆུའིི་ནང་འཛུལ་

བ་དང་ཞིི་མིིས་ཁོའིི་གྱོོན་གོས་རྣམས་སྦས་ཏེ་བཞག་ རྒྱལ་

པོ་འཁོར་བཅས་ཀྱིི་ཤིིིང་རྟ་འཁོར་ལོ་གཙང་འགྲམ་དུ་སླེབས་

དུུས་ ཞི་མིིས་སྐད་ཆེན་པོས་མགྱོགས་པོ་རོོགས་པ་གནང་རོགས་

མགྱོགས་པོ་རོོགས་པ་གནང་རོགས་ སྦྱིན་བདག་ལུང་བཟང་

གཡུ་རིལ་གཙང་ཆུས་འཁྱེར་འགྲོ་གིི་འདུག་ཅེས་སྐད་བརྒྱབས་

རྒྱལ་པོས་ཞིི་མིི་དེེེ་ངོོོ་ཤེེས་པ་དང་གཡོག་འཁོར་རྣམས་གཞོན་

ནུ་དེ་སྐྱོོབ་པར་བཏང༌ ཞི་མིིས་རྒྱལ་པོ་རིིན་པོ་ཆེེ་ ད་གང་དྲག་

ངའི་སྦྱིིན་བདག་གི་གྱོོན་གོས་ཚང་མ་རྐུུན་བུུས་འཁྱེར་ཚར་འདུག་

ཅེས་བཤད་ རྒྱལ་པོས་ལམ་

སེང་བཀའ་བཏང་སྟེ་གཞོན་ནུ་དེར་གྱོན་

གོས་ཆ་ཚང་ཞིིག་སྤྲད་པ་དང་ རྒྱལ་

པོ་མཉམ་དུ་ཤིང་རྟ་འཁོར་ལོོོའིིི་

ནང་སྡོད་དུུ་འཇུུག་ སྦྱིན་བདག་

33

Page 40: Hansel

བུུ་ཡིས་གྱོན་གོས་གསར་པ་གྱོན་དུུས་ཕོ་གསར་རྫིག་ཉམས་

དོད་པོ་ཞིིག་ཏུ་གྱུུར་པས་རྒྱལ་པོའིི་སྲས་མོའིི་ཡིིད་དབང་ཅིག་

ཅར་དུུ་འཕྲོག་ སྐབས་དེ་དུུས་ཀོ་ལྷམ་ནང་གི་ཞིི་མིིས་མགྱོགས་

མྱུར་སྔོན་ལ་ཕྱིན་ནས་ཞིང་ལས་བྱེད་མཁན་གྱི་སྐྱེེས་ཕོ་མོོ་

དང་ལུུག་རྫི་སོོགས་ཚང་མར་ང་ཚོའིི་རྒྱལ་པོ་རིིན་པོ་ཆེ་ཕེེབས་

ཀྱི་ཡོད་ གལ་ཏེ་ཁྱེེད་ཚོར་སྐད་ཆ་དྲིིས་སོང་ན་ཞིང་ཁ་དང་ལུག་

ཁྱུ་རྣམས་ལུང་བཟང་གཡུ་རིིལ་གྱིི་རེེེད་ མ་ལབ་ན་ཁྱེད་ཚོར་

དཀའ་ངལ་འཕྲད་ཀྱི་རེེད་ཅེས་

རྫིིག་ཉམས་དང་གཏུུམ་དྲག་

ཆེན་པོས་བཤད་ དོན་དངོས་ཐོག་

ཞིིང་ཁ་དང་ལུུག་ཁྱུ་རྣམས་བདུད་

ཞིིག་གིི་ཡིིན་པ་དང་ ཁོ་ནིི་ད་

དུུང་ཁང་པ་རྫིིག་པོ་ཞིིག་ནང་སྡོད་

ཀྱིི་ཡོོད་ ཞིི་མིི་དེེེས་བདུད་ཁོའིི་

34

Page 41: Hansel

སྒོོ་བརྡུངས་ཏེ་སྒོོ་ཕྱེེ་མ་ཐག་ནང་དུ་འཛུལ་བ་དང་སྐུ་ངོ་མཆོག་

ངའི་གོོ་ཐོོས་ལ་ཁྱེད་རང་གིིས་གླང་ཆེན་དང་སེང་གེ་སོོགས་པར་

སྤྲུལ་པ་བསྟན་ཐུུབ་ཀྱི་ཡོད་པ་རེད་ཟེར་གྱིི་འདུུག་ དེ་འདྲ་ཡིན་

ནམ་ཞེས་དྲིིས་ བདུུད་དེས་ཡིིན་དང་ཡིན་ཞེས་སྤོབས་ཉམས་

ལྡན་པའི་ངང་བཤད་མ་ཐག་སེང་གེ་ཆེན་པོ་ཞིིག་ལ་སྤྲུལ་ཏེ་

ངར་སྒྲ་བསྒྲགས་ ཞི་མིི་ཞེེད་ཐག་ཆོད་ནས་མགྱོགས་མྱུུར་ཆ་

སྒམ་སྒང་ལ་མཆོངས་ བདུུད་དེས་ཁོ་པ་རང་འཇགས་སྤྲུུལ་དུུས་

ཞི་མིི་གཞིི་ནས་མར་བབས་ཡོང༌ ཞིི་མིི་གཡོ་སྒྱུ་ཅན་དེས་

འོ་ཛིི་ དེེ་འདྲའིི་ཡག་པ་ལ་ད་དུུང་ངའི་གོོ་ཐོོས་ལ་ཁྱེད་རང་གིས་

ཧ་ཅང་ཆུང་བའི་སེེམས་ཅན་དེེ་འདྲ་ལའང་

སྤྲུལ་ཐུབ་ཀྱི་ཡོད་པ་རེད་ཟེར་གྱིིི་འདུུག་

ཡིན་ནའང་དེེ་འདྲ་མི་སྲིིད་པ་ཞིིག་རེེད་ཨང་

ཞེས་བཤད་ བདུད་དེས་མི་སྲིིིད་པ་ཨས་ ང་

ལ་མ་སྲིད་པའི་བྱ་བ་གང་ཡང་མེད་ཅེས་ཤོད་

35

Page 42: Hansel

སྐབས་མིག་ཧྲིག་ཧྲིིག་གིིིས་བལྟས་ནས་ཡོད་པའིི་ཞིི་མིིའིིི་དྲུང་

དུུ་ཞིང་ཙིིག་ཆུང་ཆུང་ཞིག་ཞལ་བའི་ཐོོག་རྒྱུགས་བྱུང་བས་ཞི་མིི་

སྤྱང་པོ་དེས་མཆོངས་ཐེངས་གཅིག་གིིས་ཙིི་ཙིི་དེེེ་ཁའིི་ནང་བཅུག་

སྟེ་མིིད་འཁྱུར་བཏང་བས་དེ་ནིི་བདུད་དེའིི་ཚེེ་ཡིི་མཐའ་མ་དེ་

རེེད་ སྐབས་དེར་ལྗོངས་རྒྱུར་ཕེབས་པའི་རྒྱལ་པོ་འཁོར་གཡོག་

གིིས་ཁང་པ་དེའིི་ནང་སྡོད་མཁན་སུུ་ཡིན་རྩད་གཅོད་བྱེེད་དགོས་

སྙམ་ནས་ཤིིང་རྟ་འཁོར་ལོ་འགྲོ་མཚམས་བཞག་སྐབས་ཀོ་

ལྷམ་གྱོན་པའི་ཞིི་མིི་དེེེ་སྒོོ་འགྲམ་དེར་འདོན་ཡོང༌ ཁོས་ཡར་

ཆིབས་སྒྱུར་གནང་རོགས་ ངའི་སྦྱིིན་བདག་ལུུང་བཟང་གཡུ་རིལ་

གྱིི་གཟིིམ་ཤག་ལ་ཕེབས་རོགས་ཞེས་ཤོད་བཞིིན་སྦྱིིན་བདག་

ལ་མིག་བརྡ་ཞིིག་སྤྲད་ རྒྱལ་པོ་ནིི་རང་གི་གྲོོགས་པོ་གསར་

པ་གཞོན་ནུ་དེར་ཁང་བཟང་དེ་འདྲ་ཞིིག་ཡོད་པར་ཞེ་དྲག་དགའ་

མོ་བྱུང་བ་མ་ཟད་གསོལ་སྟོན་རྒྱ་ཆེན་པོ་དེེ་འདྲ་གྲ་སྒྲིག་བྱས་

ཡོད་པར་སྤྲོ་བ་རབ་ཏུ་འཕེལ་ གསོལ་སྟོན་གྲུུབ་པའི་རྗེེས་

36

Page 43: Hansel

རྒྱལ་པོས་ ལུུང་བཟང་གཡུ་རིལ་

དང་ངའི་བུུ་མོ་བརྩེ་བ་ཟབ་པོ་དེེ་འདྲ་ཡིན་དུུས་

ཁོང་གཉིས་ཆང་ས་རྒྱག་དགོས་ངེེས་རེེད་ཅེེས་གསུངས་ དེ་ལྟར་བུུ་དེ་

རྒྱལ་པོའིི་སྲས་མོའིི་མག་པ་ཆགས་པ་དང་ ཁོང་

ཚོ་དགའ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་རྒྱུ་བྱུང་བ་

མ་ཟད་ ཀོ་ལྷམ་

ནང་གིི་ཞིིི་མིི་དེེེ་

ཡང་ཁོ་པའིི་

སྦྱིིིན་བདག་

དང་མཉམ་

དུུ་ཚེ་མཇུག་

དེ་བདེེ་སྐྱིིད་ལྡན་

པའི་ངང་བསྐྱལ་རྒྱུ་བྱུང་བ་རེད་།

37